藏历星盘简介
藏历八曜为:1、日曜,2、月曜,3、火曜,4、水曜,5、木曜,6、金曜,7、土曜,8、罗睺。
日曜即太阳。七曜之首,因为上元时刻从它开始。诞生宫(远地点)在巨蟹宫,井宿45度。日曜,星期日。
月曜即月亮。七曜之一,在宫宿背景中运行的一个天体,星期一。诞生宫在娄宿0度,井宿45度。数字一的异名。
火曜即火星。鲜红色,外行星之一,公转周期为687日(太阳 日),远地点在星宿30度。
水曜即水星。黄白色,内行星之一,公转周期为87.97个太阳日,远地点在氏宿30度。
木曜即木星,亮粉色,外星之一,远地点在轸宿0度,公转周期4332日(太阳日)
金曜即金星。内行星之一。远地点在井宿0度,公转周 期为224.7日(太阳日)黎明可见。
土曜即土星。暗白色,外行星之一。远地点在尾宿0度,公转周期为10766太阳日,是诸曜中最长的一个,移动最慢,须在其距离太阳远时仔细观察才能认定。
罗睺。九曜之一,其异名有“镇三界”,“曜耳”,“摧月”等。有数无象(能推算出其位置,但观测不到其形象)。远地点在角宿,二百三十个朔望月巡天一周。太阴日行零度14分又23分之12息。太阳日行14分1息又23分之20,宫日行14分23又23分之3息。一太阴月行7度2分3又15/23息,半个太阴月的行度为3度31分1又19/23息。劫火曜与罗睺处于相反的方位(黄白降交点与升交点相距180度)所以又称罗睺尾。但单称罗候则专指罗睺头。
སྐར་རྩིས་གཟའ་བརྒྱད་ངོ་སྤྲོད།
གཟའ་བརྒྱད་ནི། ༡ ཉི་མ། ༢ ཟླ་བ། ༣ མིག་དམར། ༤ ལྷག་པ། ༥ ཕུར་བུ། ༦ པ་སངས། ༧ སྤེན་པ། ༨ སྒྲ་གཅན་རྣམས་སོ། །
གཟའ་ཉི་མ། རེས་གཟའ་བདུན་གྱི་ཡ་གྱལ་ནམ་མཁའི་ཉི་མ་ལ་ཟེར་ཞིང་། ཉི་མ་ཞེས་འདོད་རྒྱལ་གྱི་མིང་སྟེ། རྩིས་ཀུན་བཏུས་པའི་རྒྱས་འགྲེལ་རིན་གཏེར་ལས། ཉི་ཟླ་ནི་དང་པོར་འཇིག་རྟེན་དུ་བྱུང་བའི་ཚེ་འདོད་རྒྱལ་དུ་བཏགས་པར་འདུལ་བ་ལུང་སོགས་ལས་བཤད། ཅེས་དང་། རྣམ་འགྲེལ་གསེར་གྱི་ཤིང་རྟ་ལས། བསྐལ་པ་དང་པོའི་མི་རྣམས་ཀྱི་འོད་ནུབ་ནས་འཇིག་རྟེན་དུ་མུན་པ་བྱུང་བའི་ཚེ་སྤྱི་མཐུན་གྱི་བསོད་ནམས་ལས་ཤར་བ་ན་འདི་ནི་ལྷའི་འོད་ཡིན་ནོ་སྙམ་དུ་བསམ་ནས་མིང་ཉི་མ་ཞེས་འདོད་རྒྱལ་དུ་བཏགས་པར་གསུང་རབ་གཞན་ལས་འབྱུང་ཞིང་། གཟའ་ཉི་མ་ནི་རྒྱུ་སྐར་ནབས་སོའི་རྐང་པ་གསུམ་པའི་ཐོག་སྐྱེས་པ་དང་རེས་གཟའ་བདུན་གྱི་ཐོག་མར་སྐྱེས་པས་དུས་འཁོར་སྐར་རྩིས་ལུགས་སུ་གཟའ་ཡི་དང་པོ་ཉི་མ་ཞེས་ངོས་བཟུང་བ་ཡིན་ཞིང་། འབྱུང་བ་མེ་ཁམས་ཤས་ཆེ་བ་དང་། ཉི་མས་སྐར་ཁྱིམ་གོ་ལ་ཧྲིལ་པོ་འཁོར་བར་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔ་དང་། ཆུ་ཚོད་བཅུ་དྲུག །ཆུ་སྲང་བཅུ་བཞི། དབུགས་གཅིག །འདོད་པའི་ཆ་བཅུ་གཉིས། རི་མཁའ་རིའི་ཆ་བརྒྱ་དང་ཉི་ཤུ་བཅས་དགོས་པ་ཡིན་ནོ། གྲངས་ཀྱི་མངོན་བརྗོད་སྐབས་གྲངས་བཅུ་གཉིས་མཚོན་པ་ཡིན།
གཟའ་ཟླ་བ། རེས་གཟའ་བདུན་གྱི་ཡ་གྱལ་ནམ་མཁའི་ཟླ་བ་ལ་ཟེར་ཞིང་། ཟླ་བ་ཞེས་ཉི་མའི་ཟླ་བོར་སོང་བས་ཟླ་བ་སྟེ། རྣམ་འགྲེལ་གསེར་ཤིང་ལས། ཟླ་བ་ནི་ཉི་མ་འཇིག་རྟེན་དུ་བྱུང་བའི་རྗེས་སུ་ཤར་བས་དེའི་ཟླ་བོར་འདུག་ཅེས་ཟླ་བར་བཏགས་པར་བཤད། རྒྱས་འགྲེལ་རིན་ཆེན་གཏེར་མཛོད་ལས། ཉི་ཟླ་ནི་དང་པོར་འཇིག་རྟེན་དུ་བྱུང་བའི་ཚེ་འདོད་རྒྱལ་དུ་བཏགས་པར་འདུལ་བ་ལུང་སོགས་ལས་བཤད། ཟླ་བ་ནི་རྒྱུ་སྐར་ཉེར་བདུན་པ་ཐ་སྐར་གྱི་ཆུ་ཚོད་ཐིག་ཐོག་སྐྱེས་ཤིང་། རེས་གཟའ་བདུན་ལས་ཉི་མའི་རྗེས་སུ་སྐྱེས་པས་ན་དུས་འཁོར་སྐར་རྩིས་ལུགས་སུ་རེས་གཟའ་གཉིས་པ་ཟླ་བ་ཞེས་ངོས་བཟུང་བ་ཡིན། འབྱུང་བ་ཆུ་ཁམས་ཤས་ཆེ་བ་དང་། ཟླ་བས་སྐར་ཁྱིམ་གོ་ལ་ཧྲིལ་པོ་འཁོར་བར་ཉིན་ཞག་ཉེར་བདུན་ལྷག་ཙམ་དགོས་པ་ཡིན་ནོ། ། ཟླ་བའི་དཀར་ནག་གི་ཆ་བཅོ་ལྔ་འཕེལ་འགྲིབ་ལས་ཞག་སུམ་ཅུར་ལོངས་པ་ན་ཟླ་བའི་ཐ་སྙད་དུ་འཇོག ། གྲངས་ཀྱི་མངོན་བརྗོད་སྐབས་གྲངས་གཅིག་མཚོན་པ་ཡིན་ཏེ་ནམ་མཁའ་ལ་ཟླ་བ་གཅིག་ལས་མེད་པས་སོ། །
གཟའ་མིག་དམར། རེས་གཟའ་བདུན་གྱི་ནང་ཚན། དེ་ནི་སྐར་མ་དམར་བོ་འོད་དམར་གསལ་ལེ་བ་ཞིག་ཡིན། སྐྱེས་ཁྱིམ་མཆུའི་ཆུ་ཚོད་སུམ་ཅུ། ཉིན་ཞག་དཀྱིལ་འཁོར་དྲུག་བརྒྱ་གྱ་བདུན། ཚེས་ཞག་དཀྱིལ་འཁོར་དྲུག་བརྒྱ་གོ་བདུན་མདའ་འདོད་དྲག་ཆ་ཆིག་ཁྲི་ཉིས་བརྒྱ་ཞེ་དགུ།
གཟའ་ལྷག་པ། རེས་གཟའ་བདུན་གྱི་ནང་ཚན། དེ་ནི་སྐར་མ་དཀར་གསལ་གསེར་འོད་ཅན་ཞིག་ཡིན། ཉིན་དཀྱིལ་གྱ་བདུན་དང་བརྒྱ་ཆ་གོ་བདུན། ཚེས་དཀྱིལ་གྱ་དགུ་དང་བརྒྱ་ཆ་སོ་དྲག་མདའ་འདོད་དྲག་ཆ་དགུ་སྟོང་སུམ་བརྒྱ་དང་བཞི། སྐྱེས་ཁྱིམ་ས་གའི་ཆུ་ཚོད་སུམ་ཅུ།
གཟའ་ཕུར་བུ། རེས་གཟའ་བདུན་གྱི་ནང་ཚན། དེ་ནི་སྐར་མ་དཀར་ལ་དམར་བའི་མདངས་ཅན་ཞིག་ཡིན། སྐྱེས་ཁྱིམ་མེ་བཞིའི་ཆུ་ཚོད་ཐིག ཉིན་དཀྱིལ་བཞི་སྟོང་སུམ་བརྒྱ་སོ་གཉིས། ཚེས་དཀྱིལ་བཞི་སྟོང་བཞི་བརྒྱ་མདའ་འདོད་དྲག་ཆ་དགུ་སྟོང་ལྔ་བརྒྱ་གྱ་བཞི།
གཟའ་པ་སངས། ཞི་གཟའ་ཞིག སྲོད་དང་ཐོ་རེངས་མཐོང་ཐུབ་པའི་སྐར་ཆེན་ཞིག སྐྱེས་ཁྱིམ་སྐར་དྲུག་སྟེ་ནབས་སོའི་ཆུ་ཚོད་ཐིག ཉིན་དཀྱིལ་ཉིས་བརྒྱ་ཉེར་བཞི་དང་བཅུ་ཆ་བདུན། ཚེས་དཀྱིལ་ཉིས་བརྒྱ་ཉེར་བརྒྱད་དང་བཅུ་ཆ་གཉིས་མདའ་འདོད་དྲག་ཆ་བདུན་སྟོང་དགུ་བརྒྱ་གོ་བཞི།
གཟའ་སྤེན་པ། རེས་གཟའ་བདུན་གྱི་ནང་ཚན། དེ་ནི་སྐར་མ་འོད་ཆུང་དཀར་ཤམ་མེ་བ་ཞིག་ཡིན་ཡང་འགྲོས་དལ་བས་ཕྱིར་ལོག་ལ་བརྟེན་ནས་ཞིབ་བརྟག་བྱས་ན་ངེས་ཐུབ་པ་ཞིག་ཡིན། སྐྱེས་ཁྱིམ་སྣུབས་ཀྱི་ཆུ་ཚོད་ཀླད་ཀོར། ཉིན་དཀྱིལ་ཆིག་ཁྲི་བདུན་བརྒྱ་རེ་དྲུག ཚེས་དཀྱིལ་ཆིག་ཁྲི། དགུ་བརྒྱ་སོ་བདུན་མདའ་འདོད་དྲག་ཆ་ཆིག་སྟོང་བཞི་བརྒྱ་གོ་བདུན།
གཟའ་སྒྲ་གཅན། གཟའི་གཙོ་བོ་སྟོང་བའི་ལུས་ཅན་ཞིག་སྟེ། ཁམས་གསུམ་རྣམ་རྒྱལ་དང་གཟའི་རྣ་བ་ཟླ་བ་འཇོམས་ཞེས་སོགས་ཀྱང་བརྗོད། སྐྱེས་ཁྱིམ་ནག་པ། ཚེས་ཟླའི་དཀྱིལ་འཁོར་ཉིས་བརྒྱ་སུམ་ཅུ་ལ་རྒྱུ་སྐར་འཁོར་ལོ་ལན་གཅིག་འཁོར། དེའི་ལོངས་སྤྱོད་ནི། ཚེས་ཞག་གཅིག་ལ་ཆུ་སྲང་བཅུ་བཞི་དང་མེ་མིག་གི་ཆ་བཅུ་གཉིས། ཉིན་ཞག་གཅིག་ལ་ཆུ་སྲང་བཅུ་བཞི་དབ་དབུགས་གཅིག་མེ་མིག་གི་ཆ་ཤས་བཅུ་དགུ་མདའ་འདོད་དྲག་གི་ཆ་ཤས་ཁྲི་གཅིག་དང་སོ་བརྒྱད། ཞག་གཅིག་ལ་ཆུ་སྲང་བཅུ་བཞི་དང་དབུགས་གསུམ་མེ་མིག་ཆ་གཉིས་མདའ་རོའི་ཆ་ང་གསུམ། །ཚེས་ཟླ་གཅིག་ལ་ཆུ་ཚོད་བདུན་དང་ཆུ་སྲང་
གཉིས་དབུགས་གསུམ་མེ་མིག་གི་ཆ་ཤུས་བཅོ་ལྔ་ཡིན་པས། ཕྱོགས་ལོངས་ཆུ་ཚོད་གསུམ་ཆུ་སྲང་སོ་གཅིག་དབུགས་གཅིག་མེ་མིག་གི་ཆ་ཤས་བཅུ་དགུ་ཡིན། གཟའ་དུས་མེ་སྒྲ་གཅན་དང་ཁ་གཏད་དུ་འཆར་བས་དེའི་མཇུག་མའི་ཐ་སྙད་ཐོབ་ཀྱང་། སྒྲ་གཅན་དངོས་མ་ཡིན་ནོ། །