西藏天文历算学不仅是中华民族优秀传统文化之一,也是藏民族优秀传统文化中最具科学性和代表性的学科之一,自2005年开始先后被列入了自治区级和国家级非物质文化遗产名录。天文历算学发展至今已有两千多年的历史,它作为在西藏本土发展起来的一门自然科学,是藏族人民在长期社会生活和生产实践中创造出来的宝贵财富,其历史悠久、文献丰富、自成体系,千百年来在藏族人民的生产生活、农耕牧作、风俗起居、看病医治等方面起着重要的作用。西藏的天文历法具有鲜明的特点,在世界历法之林中独树一帜,占有很重要的地位,国内外有不少的研究与传习人员。
西藏历史上曾先后颁布发行过《萨迦历书》、《那唐历书》、《楚布历书》、《敏林历书》、《八蚌历书》等,编制历书也一步步地趋于完善。藏历第十五胜生周火龙年(公元1916年)拉萨“门孜康”成立后,颁布发行了《门孜康历书》(西藏天文气象历书),其数据的计算和编写方法主要依据第司·桑吉加措所著浦派历算经典《历算论白琉璃》,并吸收了各派藏历历法的精华,赋华丽的诗文和精美的图画,以本刻版发行于西藏各地及部分邻国,享誉四方。西藏自治区藏医院天文历算研究所每年推算并编撰的历书内容涉及日历、日月食、节气、时令、气象、自然灾害、农耕牧作、藏药的采集、传统节日方面的预报,对于广大群众具有很高的实用价值和参考价值。
鉴于西藏天文历算学在气象预报和各种自然灾害预报方面发挥的作用,西藏自治区藏医院天文历算研究所与西藏自治区气象局、西藏自治区广播电视台等单位有长年的业务合作关系。依据天文历算学原理推算的“藏历天气预报”在西藏各大媒体进行定时播报,在广大农牧群众中也享有很高的声誉。由于《西藏天文气象历书》具有特殊的气象参考价值,2001年西藏自治区人大常委会在制定《西藏自治区气象条例》时,鼓励和支持民族传统天文历算学对气候预测的科学研究与应用项写入了该条例中,因而依据天文历算学原理进行气象预报工作受到了法律的保护,也肯定了西藏自治区藏医院天文历算研究所在这一领域的权威作用。
— 天文历算研究所多杰编于2025年12月12日
༄༅། །བོད་ཀྱི་གནམ་རིག་སྐར་རྩིས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཁོངས་སུ་གཏོགས་ཤིང་སྔ་རྗེས་སུ་ལྗོངས་རིམ་པ་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོར་བཀོད་ཡོད། དེར་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་ལ། སྐར་རྩིས་དང་། ནག་རྩིས། རྒྱ་རྩིས། དུས་བརྟག་གནམ་དཔྱད་སོགས་རིག་པའི་གཞུང་ལུགས་ཕུན་སུམ་ཚོགས་པ་ལས་གྲུབ་ཡོད། བོད་ཀྱི་ཆེས་ཕུལ་བྱུང་དང་ཚན་རིག་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་རིག་པ་འདི་ནི་མི་དམངས་ཀྱི་སྤྱི་ཚོགས་འཚོ་བ་དང་ཡུན་རིང་གི་ཐོན་སྐྱེད་ཁྲོད་འཕེལ་རྒྱས་བྱུང་ཞིང་། དེས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་ཞིང་འབྲོག་ལས་དང་། ཐོན་སྐྱེད་འཚོ་བ། དམངས་སྲོལ་དུས་ཆེན་སོགས་ལ་གལ་ཆེའི་ནུས་པ་བཏོན་དང་འདོན་མུས་ཡིན། བོད་ཀྱི་གནམ་རིག་སྐར་རྩིས་རིག་པའི་གཞུང་ལུགས་འདིར་ངོ་མཚར་དང་ཁྱད་འཕགས་ཀྱི་ཡོན་ཏན་དུ་མ་ལྡན་ཡོད་སྟབས་འཛམ་གླིང་གི་གནམ་རིག་དང་ལོ་རྩིས་རིག་པའི་ཁྱབ་ཁོངས་སུ་རྐང་པ་བརྟན་པོར་གནས་ཡོད་ཅིང་། དེར་ཞིབ་འཇུག་པ་དང་སློབ་གཉེར་བ་ཡང་མི་ཉུང་བ་ཡོད། ལོ་རྒྱུས་ཐོག་སྔ་རྗེས་སུ་གནམ་རིག་སྐར་རྩིས་ལས་བྱུང་བའི་ས་སྐྱའི་ལོ་ཐོ་དང་། སྣར་ཐང་ལོ་ཐོ། མཚུར་ཕུའི་ལོ་ཐོ། སྨིན་གླིང་ལོ་ཐོ། དཔལ་སྤུངས་ལོ་ཐོ་སོགས་དཔར་སྐྲུན་དང་འགྲེམས་སྤེལ་གནང་ཞིང་། ལོ་ཐོའི་རྩོམ་སྒྲིག་བརྒྱུད་རིམ་ཐད་ལ་ཡང་རིམ་གྱིས་དར་རྒྱས་གོང་འཕེལ་ཕྱིན་ཡོད། དེ་ཡང་བོད་རབ་བྱུང་བཅོ་ལྔ་པའི་མེ་འབྲུག་སྟེ་སྤྱི་ལོ་༡༩༡༦ལོར་ལྷ་ལྡན་སྨན་རྩིས་ཁང་དབུ་བརྙེས་རྗེས་ཀུན་གྱིས་ཚད་མར་འཛིན་པའི་སྨན་རྩིས་ཁང་གི་ལོ་ཐོ་དཔར་སྐྲུན་འགྲེམས་སྤེལ་མཛད་པས། བོད་ལྗོངས་ཀྱི་ཡུལ་གྲུ་ཙམ་མ་ཟད་མཐའ་འཁོར་རྒྱལ་ཁབ་དང་མི་རིགས་མི་ཉུང་བས་བལྟ་ཀློག་བྱས་པར་བརྟེན་སྙན་པའི་གྲགས་པ་ཕྱོགས་བཅུ་ཀུན་ལ་ཁྱབ། ལོ་ཐོའི་ནང་དོན་ཐད་ལ་ཚན་རིག་དང་མཐུན་པའི་ལོ་རྩིས་དང་། ཉི་ཟླ་གཟའ་འཛིན། གནམ་གཤིས་སྔོན་བརྡ། ས་ཞིང་འདེབས་བཀོལ། རང་བྱུང་གནོད་འཚེའི་སྔོན་དཔག་སོགས་ཡོད་སྟབས་བོད་ལྗོངས་གནམ་གཤིས་ལས་ཁུངས་དང་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་སོགས་ཚན་པ་མང་པོ་དང་འབྲེལ་བ་དམ་ཟབ་ཡོད། སྤྱི་ལོ་༢༠༠༡ལོར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་《བོད་རང་སྐྱོང་ལྗོངས་གནམ་གཤིས་རྩ་འཛིན།》གཏན་འཁེལ་གནང་སྐབས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་གནམ་རིག་སྐར་རྩིས་ཀྱི་ལམ་ནས་གནམ་གཤིས་སྔོན་བརྡ་གཏོང་རྒྱུ་སོགས་ཀྱི་ལས་དོན་ལ་རྒྱལ་ཁབ་རྩ་ཁྲིམས་ཀྱིས་སྲུང་སྐྱོབ་ཐོབ་པ་བྱུང་ཡོད་ལ་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་འདི་ཡང་རིག་གཞུང་འདིའི་རྒྱུད་འཛིན་དང་དབང་འཛིན་ཚན་པར་ངོས་འཛིན་གནང་ཡོད།